《视觉传达设计作品欣赏(一)课件》初中美术人教2001课标版七年级下册课件_3.ppt
文本预览下载声明
འཁྲིད་བྱ། བོད་ཀྱི་ཐང་གའི་སྒྱུ་རྩལ།
འཆད་ཁྲིད་མཁན། རྣམ་ཐར་རྒྱལ།
དཀར་ཆག་ཤེལ་དཀར་ཕྲེང་བ།
མདུན་ངོས།
རྒྱབ་ངོས།
རི་མོ་ཞེས་པའི་མིང་གི་བྱུང་ཚུལ།
བོད་ཀྱི་རི་མོའི་ལོ་རྒྱུས་ཧ་ཅང་རིང་བ་སྟེ།ལོ་ངོ་སྟོང་ཕྲག་གོང་མངའ་རིས་དང་མལ་གྲོ་སོགས་སུ་ཡོད་པའི་བྲག་བརྐོས་ཐོག་ལ་གདོད་མའི་མིས་རི་དྭགས་རྔོན་ཚུལ་དང་། དེ་བཞིན་རྫ་ཁོག་སྟེང་གི་རི་མོ་སོགས་ནས་རིམ་བཞིན་འཕེལ་རྒྱས་བྱུང་བ་ཡིན།སྔར་ལུག་རྫི་ཞིག་རི་སྟེང་དུ་ལུག་འཚོ་སྐབས་ཆར་སིམ་འབབ་པའི་སྐབས་སུ་ལྷའི་བུ་མོ་ལྟར་མཚར་བ་ཞིག་མཐོང་བ་དེར་སེམས་ཤོར་ནས་ནང་དུ་ལོག་རྗེས་རྡོ་གཡམ་ཐོག་བུ་མོ་དེའི་འདྲ་གཟུགས་བྲིས་པས་མི་རྣམས་ཀྱིས་རིའི་བུ་མོ་ཞེས་པའི་མིང་བཏགས། རྗེས་སུ་བསྡུས་མིང་ཀྱི་ཚོད་དུ་རི་མོ་ཞེས་པའི་ཐ་སྙད་བྱུང་ཚུལ་བཤད་ཀྱི་ཡོད།
ཕྱིར་ལོག
རྒྱབ་ངོས།
ཐང་ག་དང་དེའི་དབྱེ་བའི་སྐོར།
ཐང་ག་ཞེས་བརྗོད་པ་ནི་སྤྱི་མིང་ཞིག་སྟེ།རས་ཀྱི་གཞི་ལ་རི་མོ་བྲིས་པ་ཡོད་ཚད་རུ་འདུ་ཞིང་།ལོ་རྒྱུས་སྨྲ་བ་འགའ་ཞིག་གིས།ཐ་སྙད་དེ་རྒྱ་ནག་གི་སྐད་ཀྱི་སྒྲ་ཐད་འགྱུར་ཡིན་ལ།དེའི་སྲོལ་ཡང་རྒྱ་ནག་ནས་བྱུང་བར་བཤད་མོད།བོད་ཀྱི་ལོ་རྒྱུས་ཆེན་མོ་ཁག་ལས།རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གོང་དུ་བོད་ལ་ཐང་ཀ་བཞེངས་སྲོལ་དར་བ་ཤིན་ཏུ་གསལ་ལོ།།
ཐང་གའི་རྒྱུ་ལ་བརྟེན་ནས་དབྱེ་ན། སྐྱ་ཐང་དང་། ཚོན་ཐང་། ཐང་ནག མཚལ་ཐང་། གསེར་ཐང་། གོས་སྐུ། འཚེམ་ཐང་། འཐག་ཐང་། མུ་ཏིག་གི་ཐང་ག ཕྱི་གླིང་ལུགས་ཀྱི་འབུར་ཚུགས་ཅན་སོགས་ཡོད།
ཆེ་ཆུང་གིས་དབྱེ་ན། ཙ་ཀ་ལི། ཐང་ག གྱན་ཐང་སོགས་ཡོད།
རྒྱབ་ངོས།
ཕྱིར་ལོག
བོད་རིས-----ཐང་གའི་སྐོར།
རྒྱབ་ངོས།
མིང་གཞན་ལ་སྨན་བྲིས་ལུགས་ཀྱང་ཟེར། སྨན་ཐང་ཟེར་དོན་ནི་ལུགས་འདིའི་སྲོལ་འབྱེད་མཁན་སྨན་བླ་དོན་གྲུབ་རྒྱ་མཚོ་ནི་ལྷོ་བྲག་སྨན་ཐང་
དུ་སྐུ་འཁྲུངས་བས་དེ་ལྟར་ཐོགས།
མཁྱེན་བརྩེ་ལུགས་ཀྱི་སྲོལ་འབྱེད་མཁན་ནི་གོང་དཀར་སྒང་སྟོད་མཁྱེན་བརྩེ་ཆེན་མོ་ཡིན་པས་མིང་དུ་དེ་ལྟར་ཐོགས།
མིང་གཞན་ལ་ཀརྨ་ལུགས་ཀྱང་ཟེར།ལྷོ་ཁ་ཡར་སྟོད་དུ་སྐུ་འཁྲུངས་པའི་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཀྱིས་སྲོལ་གཏོད་པ་དང་།སྐབས་དེར་ཀརྨ་སྒར་ཆེན་གྱི་འཕྲིན་ལས་རྒྱས་པའི་དུས་ཡིན་པས་དེ་ལྟར་ཐོགས།
ཕྱིར་ལོག
རྒྱབ་ངོས།
གྲུབ་མཐའ་གསུམ་གྱི་རི་མོ།
།
དང་པོ། ཐང་ག་བཞེངས་ཚུལ་དང་ལག་ལེན།
༡ སྔོན་འགྲོའི་ཐིག་དང་སྐྱ་རིས་ཀྱི་ལག་ལེན།
༢ སྐྱོ་འབུར་གྱི་ལག་ལེན།
༣ ཚོན་འབྱུག་ལག་ལེན་གྱི་རིམ་པ།
༤ མདངས་དང་རྩྭ་རིས་ཀྱི་ལག་ལེན།
༥ བཅད་ཀྱི་ལག་ལེན།
༦ གསེར་རིས་ཀྱི་ལག་ལེན
显示全部